防止返贫监测对象申报政策“明白纸”
(2025年范式样本)
广大农牧民朋友:
至2020年底,我区脱贫攻坚战取得全面胜利,现行标准下农村贫困人口全部脱贫,历史性消除了绝对贫困。按照党中央和自治区党委、政府要求,在过渡期,我们建立健全了防止返贫动态监测和帮扶机制,面向所有农村地区、所有农村户籍人口,以及易地扶贫搬迁等已转为城镇户籍的人口、城市规划区居住但未享受城市低保等城镇相关保障政策的农转非人口等,以家庭为单位识别认定防止返贫致贫监测对象(以下简称“监测对象”),现将有关政策要点告知如下。
一、申请条件
2025年全区防止返贫致贫监测范围参考标准为家庭年人均纯收入8500元(含)以下。申请农户至少满足以下返贫致贫风险之一。
1.家庭唯一住房出现安全问题,家庭无力解决。
2.家里吃水遇到困难,家庭无力解决,包括断水超过1个月、水质有问题、取水距离较远(时间较长)等。
3.家庭成员患大病、重病、长期慢性病等,医疗费用较高家庭无力负担。
4.家庭成员中有残疾人,因劳动能力不足、康复需求、照护需求等,收入减少或支出增加,导致家庭经济困难。
5.家里学生上学开支较大,家庭无力负担。
6.家庭成员遭遇交通事故、安全生产事故等意外,收入减少或支出增加,导致家庭经济困难。
7.从事生产经营的农村家庭,产业项目受市场波动,成本变化等因素影响失败,家庭收入骤减或大幅减少。
8.外出务工就业的家庭成员,受劳动力市场变化等因素影响、务工收入骤减或大幅减少。
9.家庭主要劳动力成员丧失劳动力、变为弱半劳动力,导致收入骤减或大幅减少;或整户无劳动能力,收入难以负担家庭支出。
10.因水旱等各类自然灾害,造成生产生活设施受损自身难以解决,以及收入减少或支出增加导致家庭经济困难。
除以上10种风险以外,其他造成家庭收入减少或支出增加,可能导致返贫致贫风险。
二、申报方式
可以本人或委托他人通过以下方式申请。
(一)全国防返贫监测APP。脱贫户和消除风险的监测对象,登录防返贫监测APP(如下图)点击“自主申报”模块完成申报。
(二)现场申报。在村级党群服务中心现场填写(防止返贫致对监测对象申请书);也可委托乡村干部、驻村工作队员、乡村振兴专干和驻村第一书记等代为申报。易地搬迁群众和随迁群众向所在安置区(点)申报。
(三)电话热线申报。拨打12317、0892—8932307电话申报,根据人工坐席提示,明确表明“自主申报防止返贫致贫监测对象”,按提示登记个人基本信息。
(四)扫“一码通”。
1.微信扫描“一码通”二维码(如下图),按要求填报相关信息,即可自主申报。

2.农户通过西藏公安“互联网+政务服务平台”-应用中心-帮扶专区-帮扶申请,填写申报信息进行申报。
三、申请须知
(一)如申请监测对象,需要配合基层干部开展入户核实,需要如实准确提供家庭和成员有关情况信息,并授权依法依规核查核实家庭成员的收入、财产等相关信息,经村内评议公示,由县乡逐级审核批准。
(二)如已成为监测对象,将根据存在的实际困难和突出问题,从住房安全保障、饮水安全保障、健康帮扶、教育帮扶、产业帮扶、就业帮扶、金融帮扶、综合保障、社会帮扶等方面选择对应措施进行帮扶。
(三)如家庭困难问题已经解决、年人均纯收入稳定超过当年防止返贫致贫监测范围、“三保障”及饮水安全持续巩固、返贫致贫风险已经稳定消除的监测对象,经过入户核实、评议公示和审核批准后,对稳定消除返贫风险的,应按照普通脱贫人口进行管理,根据规定享受针对脱贫人口的相关政策。对风险消除稳定性较弱,特别是收入不稳定、刚性支出不可控的,在促进稳定增收方面继续给予帮扶,风险稳定消除后再履行相应程序。对整户无劳动能力的监测对象,落实兜底保障措施后,暂不消除。过渡期内,除风险自然消除外,收入持续稳定原则上不少于半年。
(四)消除风险后,如果又出现新的返贫致贫风险,可再次申报。

我们相信,在大家的共同努力下,通过落实防止返贫致贫监测帮扶政策,监测对象遇到的困难问题一定能够得到及时有效解决。希望广大农牧民朋友们能够自力更生,感恩奋进,通过自己的努力不断改善生活状况,用自己的双手勤劳致富,让生活更上一层楼!
དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་བྱ་ཡུལ་གྱི་སྲིད་ཇུས་རེ་ཞུའི་གསལ་རྟོགས་ཤོག་བྱང་།
(2025ལོའི་དཔེ་གཞི)
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་པ།
2020ལོའི་ལོ་མཇུག་བར། རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་ཚང་མ་དབུལ་གྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་གི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་ཡོད། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ལྟར་བར་བརྒལ་དུས་སྐབས་རིང་ང་ཚོས་དབུལ་པོར་བསྐྱར་ལོག་སྔོན་འགོག་གི་སྟབས་བསྟུན་ལྟ་ཞིབ་དང་རོགས་སྐྱོར་གྱི་ལམ་སྲོལ་འཐུས་ཚང་བཟོས་ཏེ། གྲོང་གསེབ་ཁུལ་ཡོངས་དང་། གྲོང་གསེབ་ཐེམ་ཐོའི་མི་ཚོགས། དེ་བཞིན་ཡུལ་སྤོས་དབུལ་སྐྱོར་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོར་བསྒྱུར་བའི་མི་ཚོགས། གྲོང་ཁྱེར་འཆར་འགོད་ཁུལ་དུ་གནས་སྡོད་བྱས་ཀྱང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྲིད་ཇུས་ལོངས་སྤྱོད་ཐུབ་མེད་པ་མ་ཟད་ཞིང་པའི་ཐེམ་ཐོ་ནས་གྲོང་མིའི་ཐེམ་ཐོར་སྒྱུར་བའི་མི་ཚོགས་སོགས་ལ་ཁ་ཕྱོགས་ནས་ཁྱིམ་ཚང་གཞིར་བཟུང་། དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་བྱ་ཡུལ(གཤམ་ལ་ལྟ་ཞིབ་བྱ་ཡུལ་ཞེས་བསྡུས་རྒྱུ)ཁོངས་སུ་གཏོགས་མིན་ངོས་འཛིན་གཏན་འཁེལ་བྱ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་གསལ་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག རེ་ཞུའི་ཆ་རྐྱེན།
2025ལོའི་ལྗོངས་ཡོངས་ཀྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལྟ་ཞིབ་བྱེད་ཁོངས་ཀྱི་གཞི་རྩའི་ཚད་གཞི་ནི་ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8500(ཚུད)ཡིན། རེ་འདུན་ཞུ་མཁན་ཞིང་དུད་ལ་མ་མཐར་ཡང་གཤམ་གསལ་གྱི་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁའི་གྲས་ཤིག་ལྡན་དགོས་པ་སྟེ།
1.ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དེར་ཉེན་ཁ་ཡོད་ཅིང་། ཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་རིགས།
2.ཁྱིམ་ཚང་གི་འཐུང་ཆུར་དཀའ་ངལ་ཡོད་ཅིང་། ཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པ། དུས་ཡུན་ཟླ་བ་གཅིག་ཡན་འཐུང་ཆུ་ཆད་པ་དང་། ཆུའི་སྤུས་ཚད་ཡག་པོ་མེད་པ། ཆུ་ལེན་སའི་དབར་ལམ་ཐག་རིང་བ(དུས་ཚོད་ཧ་ཅང་རིང་བ)སོགས།
3.ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ཆེ་རིགས་དང་། ནད་གཞི་ཚབས་ཆེ་རིགས། རྒྱུན་རིང་བའི་གཅོང་ནད་སོགས་ཕོག་ནས་སྨན་རིན་ཕོན་ཆེན་སྤྲོད་དགོས་ཤིང་། ཁྱིམ་ཚང་ལ་སྤྲོད་པའི་ནུས་པ་མེད་པའི་རིགས།
4.ཁྱིམ་ཚང་གི་ཁོངས་མིའི་ནང་དབང་པོ་སྐྱོན་ཅན་ཡོད་པ་དང་། ངལ་ནུས་མི་འདང་བ་དང་། དྲག་སྐྱེད་དང་ལྟ་སྐྱོང་གི་དགོས་མཁོ་སོགས་དབང་གིས། ཡོང་འབབ་ཉུང་དུ་ཕྱིན་པ་དང་འགྲོ་སོང་མང་དུ་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རིགས།
5.ཁྱིམ་ཚང་གི་སློབ་གྲྭ་འགྲིམ་མཁན་བུ་ཕྲུག་ལ་འགྲོ་སོང་ཅུང་ཆེ་བས། ཁྱིམ་ཚང་ལ་འགྲོ་གྲོན་གཏོང་བའི་ནུས་པ་མེད་པ།
6.ཁྱིམ་ཚང་གི་ཁོངས་མིར་འགྲིམ་འགྲུལ་དང་བདེ་འཇགས་ཐོན་སྐྱེད་སོགས་བསམ་ཡུལ་ལས་འདས་པའི་ལས་འཛོལ་ཐོན་པའི་དབང་གིས་ཡོང་འབབ་ཉུང་དུ་ཕྱིན་པ་དང་འགྲོ་སོང་མང་དུ་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རིགས།
7.ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་གྲོང་གསེབ་ཁྱིམ་ཚང་གི་ཐོན་ལས་རྣམ་གྲངས་ལ་ཁྲོམ་རའི་འཕར་ཆག་དང་མ་གནས་ལ་འགྱུར་ལྡོག་སོང་བ་སོགས་དབང་གིས་ཉམས་ཉེས་ཆེན་པོ་བྱུང་ནས་ཁྱིམ་ཚང་གི་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེར་ཕྱིན་པའི་རིགས།
8.ཕྱིར་སྐྱོད་ཡོང་འབབ་གསོག་མཁན་གྱི་ཁྱིམ་ཚང་ཁོངས་མིར་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རར་འགྱུར་ལྡོག་སོང་བ་སོགས་ཀྱི་ཤུགས་རྐྱེན་དབང་གིས་ངལ་ནུས་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེར་ཕྱིན་པའི་རིགས།
9.ཁྱིམ་ཚང་གི་ངལ་ནུས་གཙོ་བོའི་ཁོངས་མིའི་ངལ་ནུས་ཤོར་བ་དང་ངལ་ནུས་སྐྱོ་ཙམ་ཆག་པའི་དབང་གིས་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེར་ཕྱིན་པའམ་ཡང་ན་ཁྱིམ་ཚང་ཧྲིལ་པོར་ངལ་ནུས་མེད་པའི་དབང་གིས་ཁྱིམ་ཚང་གི་འགྲོ་གྲོན་བཏང་མི་ཐུབ་པའི་རིགས།
10.ཆུ་སྐྱོན་དང་ཐན་སྐྱོན་སོགས་རང་བྱུང་གི་གནོད་འཚེས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས་ལ་གནོད་སྐྱོན་བྱུང་ནས་རང་ངོས་ཀྱིས་ཐག་གཅོད་མི་ཐུབ་པ་དང་། དེ་བཞིན་ཡོང་འབབ་ཉུང་དུ་ཕྱིན་པ་དང་འགྲོ་གྲོན་མང་དུ་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀལ་ ངལ་འཕྲད་པའི་རིགས་བཅས་ཡིན།
གོང་གསལ་གྱི་ཉེན་ཁ་རིགས་བཅུ་ཕུད། དེ་མིན་རྒྱུ་རྐྱེན་དབང་གིས་ཁྱིམ་ཚང་གི་ཡོང་འབབ་ཉུང་དུ་ཕྱིན་པ་དང་འགྲོ་གྲོན་མང་དུ་ཕྱིན་ནས་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁའང་ཐོན་སྲིད།
གཉིས། རེ་ཞུ་འབུལ་སྟངས།
རང་ཉིད་དམ་མི་གཞན་ལ་མངག་བཅོལ་བྱས་ཏེ་གཤམ་གསལ་བྱ་ཐབས་བརྒྱུད་དེ་རེ་ཞུ་འབུལ་ཆོག
(གཅིག)རྒྱལ་ཡོངས་ཀྱི་དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཀྱི་APPཐོག་རེ་ཞུ་འབུལ་བ། དབུལ་གྲོལ་དུད་ཚང་དང་ཉེན་ཁ་སེལ་རྒྱུའི་ལྟ་ཞིབ་བྱ་ཡུལ་གྱིས་དབུལ་པོར་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཀྱི་APP(གཤམ་འོག་གི་པར་རིས)ནང་འཛུལ་ནས་རང་ངོས་ཀྱིས་རེ་ཞུ་འབུལ་བའི་ཤོག་ངོས་ཐོག་རེ་ཞུ་འབུལ་དགོས།

(གཉིས)ས་ཡུལ་དངོས་སུ་རེ་ཞུ་འབུལ་བ། གྲོང་ཚོ་རིམ་པའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ(དབུལ་ལོག་དབུལ་འགྱུར་སྔོན་འགོག་ལྟཞིབ་བྱ་ཡུལ་གྱི་རེ་འདུན་ཞུ་ཡིག)ཞུ་ཡིག་འབྲི་དགོས་པ་དང་། གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་མངགས་ལས་དོན་པ། གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་ཨང་དང་པོ་སོགས་ལ་མངག་བཅོལ་བྱས་ཏེ་རེ་ཞུ་འབུལ་ཆོག ཡུལ་སྤོས་མང་ཚོགས་དང་གནས་སྤོས་མང་ཚོགས་ཀྱིས་རང་གནས་ཡུལ་གྱི་བཀོད་སྒྲིག་ཁུལ(ས་ཚིགས )དུ་རེ་ཞུ་འབུལ་དགོས།
(གསུམ)ཐད་སྦྲེལ་ཁ་པར་ཐོག་རེ་ཞུ་འབུལ་བ། 0892-8932307(རྫོང་ཆུས་ཁག་སོ་སོས་གཏན་འཁེལ་བྱེད་དགོས)ལ་ཁ་པར་བརྒྱབ་ནས་རེ་ཞུ་འབུལ་དགོས། ཁ་པར་ནང་གི་འཕྲུལ་མིའི་དྲན་སྐུལ་ལྟར་རང་ངོས་ཀྱིས་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལྟ་ཞིབ་བྱ་ཡུལ་ལ་རེ་ཞུ་འབུལ་བ་གསལ་པོར་མཚོན་དགོས་པ་མ་ཟད། མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་ཐོ་འགོད་བྱེད་དགོས།
(བཞི)ཀུན་འཐུས་རྟགས་རིས་བཤེར་ནས་རེ་ཞུ་འབུལ་བ།
1.འཕྲིན་ཕྲན་གྱིས་ཀུན་འཐུས་རྩ་གཉིས་རྟགས་རིས་བཤེར་བ་དང་(གཤམ་འོག་གི་པར་རིས) བླང་བྱ་ལྟར་འབྲེལ་ཡོད་ཀྱི་ཆ་འཕྲིན་བྲིས་ནས་རང་ངོས་ཀྱིས་རེ་ཞུ་འབུལ་ཆོག

2.ཞིང་དུད་ཀྱིས་བོད་ལྗོངས་སྤྱི་བདེའི“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི་ལས་སྟེགས”ཐོག་གི་བཀོལ་སྤྱོད་ལྟེ་གནས་---རོགས་སྐྱོར་ཆེད་ཁུལ་---རོགས་སྐྱོར་རེ་ཞུ་བཅས་བརྒྱུད་དེ་རེ་ཞུའི་ཆ་འཕྲིན་བྲིས་ནས་རེ་ཞུ་འབུལ་དགོས།
གསུམ། རེ་ཞུ་འབུལ་སྐབས་ཀྱི་ངེས་བྱ།
(གཅིག)གལ་ཏེ་ལྟ་ཞིབ་བྱ་ཡུལ་ལ་རེ་ཞུ་འབུལ་ཚེ། གཞི་རིམ་ལས་བྱེད་པས་དུད་ཚང་ལ་བསྐྱོད་ནས་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་། ཁྱིམ་ཚང་དང་ཁོངས་མིའི་འབྲེལ་ཡོད་ཆ་འཕྲིན་ཁག་ཇི་མ་ཇི་བཞིན་གནད་འཁེལ་མཁོ་འདོན་བྱེད་དགོས་པ་མ་ཟད། ཁྲིམས་མཐུན་ལུགས་མཐུན་ངང་ཁྱིམ་ཚང་གི་ཁོངས་མིའི་ཡོང་འབབ་དང་རྒྱུ་ནོར་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་བརྟག་དཔྱད་ཞིབ་བཤེར་བྱེད་རྒྱུར་དབང་བཅོལ་བྱེད་དགོས། གྲོང་ཚོའི་ནང་དཔྱད་ཞིབ་ཡོངས་བསྒྲགས་བྱས་པ་བརྒྱུད་རྫོང་དང་ཤང་ནས་རིམ་པ་སྟར་ཆགས་ཀྱིས་ཞིབ་བཤེར་ཆོག་མཆན་བྱ་རྒྱུ།
(གཉིས)གལ་ཏེ་ལྟ་ཞིབ་བྱ་ཡུལ་ཁོངས་སུ་ཚུད་ཚེ། དངོས་ཡོད་དཀའ་ངལ་དང་ དམིགས་བསལ་གྱི་གནད་དོན་ལ་གཞིགས་ནས་སྡོད་ཁང་བདེ་འཇགས་འགན་སྲུང་དང་། འཐུང་ཆུ་བདེ་འཇགས་འགན་སྲུང་། བདེ་ཐང་གི་རོགས་སྐྱོར། སློབ་གསོའི་རོགས་སྐྱོར། ཐོན་ལས་ཀྱི་རོགས་སྐྱོར། ལས་ཞུགས་ཀྱི་རོགས་སྐྱོར། དངུལ་རྩའི་རོགས་སྐྱོར། ཕྱོགས་བསྡུས་འགན་སྲུང་། སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་གང་ལ་གང་བསྟུན་གྱི་བྱ་ཐབས་འདམས་ནས་རོགས་སྐྱོར་བྱ་རྒྱུ།
(གསུམ)གལ་ཏེ་ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་བྱུང་བ་དང་ལོ་རེའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་དེ་བརྟན་པོའི་ངང་ལོ་དེའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ཁྱབ་ཁོངས་ལས་བརྒལ་བ་དང་། འགན་སྲུང་གསུམ་དང་འཐུང་ཆུ་བདེ་འཇགས་རྒྱུན་མཐུད་བརྟན་པོ་ཡོད་པ། དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་བརྟན་པོའི་ངང་སེལ་བ་བཅས་ཀྱི་ལྟ་ཞིབ་བྱ་ཡུལ་ཡིན་ཚེ། དུད་ཚང་ལ་བསྐྱོད་ནས་བརྟག་དཔྱད་དང་། དཔྱད་ཞིབ་ཡོངས་བསྒྲགས། ཞིབ་བཤེར་ཆོག་མཆན་བཅས་བྱས་རྗེས། དབུལ་པོར་བསྐྱར་ལོག་གི་ཉེན་ཁ་བརྟན་པོའི་ངང་སེལ་ཐུབ་པར་སྤྱིར་བཏང་གི་དབུལ་གྲོལ་མི་སྣ་ལྟར་དོ་དམ་བྱ་རྒྱུ་དང་། གཏན་འབེབས་ལྟར་དབུལ་གྲོལ་མི་སྣར་དམིགས་པའི་འབྲེལ་ཡོད་སྲིད་ཇུས་ཁག་ལོངས་སྤྱོད་བྱེད་ཆོག ཉེན་ཁ་མཐར་ཕྱིན་པ་སེལ་མེད་པ་དང་། ལྷག་པར་དུ་ཡོང་འབབ་བརྟན་པོ་མེད་པ་དང་མ་བཏང་ཀ་མེད་ཀྱི་འགྲོ་གྲོན་ཚོད་འཛིན་བྱེད་མི་ཐུབ་པ་ཡིན་ཚེ། ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་རོགས་སྐྱོར་བྱ་རྒྱུ་དང་། ཉེན་ཁ་བརྟན་པོའི་ངང་སེལ་ཚར་རྗེས་གཞི་ནས་འབྲེལ་ཡོད་གོ་རིམ་ཁག་བརྒྱུད་དགོས། ཁྱིམ་ཚང་ཧྲིལ་པོར་ངལ་རྩོལ་ནུས་ཤུགས་མེད་པའི་ལྟ་ཞིབ་བྱ་ཡུལ་ལ་ཐ་གྲས་སྐྱོང་བའི་འགན་སྲུང་བྱ་ཐབས་དོན་འཁྱོལ་བྱས་རྗེས་ཉེན་ཁ་སེལ་མེད་པར་བརྩིས་རྒྱུ། བར་བརྒལ་དུས་སྐབས་རིང་། ཉེན་ཁའི་རང་བཞིན་་སེལ་བ་ཕུད། ཡོང་འབབ་རྒྱུན་མཐུད་བརྟན་པོ་ནི་རྩ་དོན་ཐོག་ཉུང་མཐར་ཡང་ལོ་ཕྱེད་ཡན་ཡིན་དགོས།
(བཞི)ཉེན་ཁ་སེལ་ཚར་རྗེས། གལ་ཏེ་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ད་དུང་ཐོན་ཚེ་སླར་ཡང་རེ་ཞུ་འབུལ་ཆོག
ང་ཚོ་ཚང་མའི་ཐུན་མོང་འབད་བརྩོན་འོག དབུལ་ལོག་དབུལ་འགྱུར་སྔོན་འགོག་ལྟ་ཞིབ་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། ལྟ་ཞིབ་བྱ་ཡུལ་ལ་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཀྱི་ཡིད་ཆེས་ཡོད། རེ་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་སྟོབས་རང་འཕེལ་དང་དྲིན་ཚོར་ཡར་བརྩོན་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བར་མུ་མཐུད་ལེགས་བཅོས་གཏོང་བ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་ཏེ་འཚོ་བ་ཉིན་བཞིན་ཡར་རྒྱས་གཏོང་དགོས།